Grand 800th Commemoration taking place in

Select your language

International Drikung Kagyu Council
Honoured to organise the 800th Commemoration of Lord Jigten Sumong's Maha Parinirvana.

༄། ཟབ་ལམ་བླ་སྒྲུབ་ཅེས་པའི་ཆོས་སྐོར་འདི་ནི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ལེའུ་བཅུ་བདུན་པ་སོགས་བླ་མེད་རྒྱུད་སྡེའི་དགོངས་པ་ཡིན་པས། ཀླུ་སྒྲུབ་དང་ཏེ་ལོ། ནཱ་རོས་མཛད་པའི་རྒྱ་གཞུང་ཡོད་ལ། བོད་ཡུལ་དུ་ཐོག་མར་འགྲོ་མགོན་བཀའ་བརྒྱུད་པའི་ཕྱོགས་སུ་དར་རྒྱས་བྱུང་ལ། ཕྱིས་སུ་གྲུབ་མཐའ་གཞན་ལའང་བླ་མའི་རྣལ་འབྱོར་དང་བླ་སྒྲུབ་སྐོར་དར་འཕེལ་བྱུང་ཡོད་པ་ནི་ལོ་རྒྱུས་དངོས་རེད། བླ་མེད་རྡོ་རྗེ་ཐེག་པའི་དགོངས་པ་བཞིན་འགྲོ་མགོན་ཕག་གྲུས་གདམས་པ་ལྟར། རྗེ་འབྲི་གུང་པས་བླ་མ་སྐུ་བཞིའི་གདམས་པ་ཉམས་སུ་བླངས་པས་རྟེན་འབྲེལ་མཐར་ཕྱིན་པས། མོས་གུས་སྲོག་གི་འཁོར་ལོ་གསང་བ་འདུས་པའི་ཆོས་སྐོར་རྩལ་དུ་བཏོན་ནས་སྤེལ་ཡོད་པ་ནི་བོད་དུ་བླ་མ་སྐུ་བཞིའི་སྒྲུབ་ཐབས་ཐུན་མིན་གྱི་གདམས་པ་གཅིག་པུར་གྱུར་ཡོད། སྐབས་འདིའི་ཟབ་ལམ་བླ་སྒྲུབ་བླ་མ་བདེ་བའི་རྡོ་རྗེའི་ཆོས་སྐོར་ཞེས་པ་འདི་ཉིད་ནི། འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པ་ལ། གསེར་ཁང་ཆོས་རྗེ་འཇིག་རྟེན་མགོན་པོས་གནང་བའི་དག་སྣང་གི་ཆོས་སྐོར་གཞན་ན་མ་གྲགས་པ་ཅིག་ཡིན་ལ། འདིའི་སྨིན་ལམ་ལ་བླ་མེད་རྡོ་རྗེ་ཐེག་པའི་ལམ་ཀུན་རྫོགས་པ་དང་། གྲོལ་ལམ་ལ་བླ་མེད་རྡོ་རྗེ་ཐེག་པའི་རྫོགས་རིམ་ཟབ་མོ་ནཱ་རོའི་ཆོས་དྲུག་དང་། གཉུག་མ་ཕྱག་རྒྱ་ཆེན་པོའི་གནད་ཀུན་འདུས་པ་དང་། གྲུབ་པའི་འཕྲིན་ལས་ཟབ་མོའི་སྒོ་ཀུན་མ་འདུས་པ་མེད་ལ། འདི་ཉིད་ནི་བཀའ་བརྒྱུད་རིན་པོ་ཆེའི་རྩ་གསུམ་དྲིལ་སྒྲུབ་ཀྱི་གཞུང་དང་། བླ་མར་རྩ་གསུམ་ཀུན་རྫོགས་ཀྱི་སྒྲུབ་གཞུང་རྨད་དུ་བྱུང་བ་ཅིག་ཡིན་པས། འབྲི་གུང་བཀའ་བརྒྱུད་ཀྱི་ཐུན་མིན་གྱི་ཆོས་སྐོར། བཀའ་བརྒྱུད་རིན་པོ་ཆེའི་ཟབ་ཆོས་ཀུན་འདུས་པའི་ཆོས་སྐོར། སྒྲུབ་བརྒྱུད་ཀྱི་སྲོལ་ཀ་མ་ཉམ་ཤིང་། བྱིན་རླབས་ཀྱི་ཚན་ཁ་ཆེ་བ། སྒྲུབ་ཐག་ཤིན་ཏུ་ཉེ་བ། སེར་སྐྱ་རིས་སུ་མ་ཆད་པའི་འཇུག་ངོགས་ཡིན་པས། ཟབ་ཆོས་འདི་ཉིད་ལ་ཉམས་ལེན་བྱ་མཁན་ཚོས་མཁྱེན་འཚལ་ལོ
 
The profound Guru practice of vajra bliss. By Omniscient Rigdzin ChoedrakThe profound Guru practice is based intention of seventeen chapters of Guhyasamaja tantra the King of Tantra. This tradition of practice was first flourished widespread in india, there were treatises written by Arya Nagarujna, Tilopa and so forth.Later on this practice flourished in Tibet first through the Kagyupa tradition of Vajrayana, afterward this Guru-practice also flourished in other tradition of Vajrayana in Tibet. This is the practice, which was the pith instruction of protector Phagmodrupa based on highest Yoga Tantra view transmitted to Lord Jigten Sumgon. He accomplished the four Kaya Guru Yoga. Due to this practice he has created an auspicious connection to the four-kaya Guruyoga practice lineage in Drikung Kagyu.Based on Guhyasamaja Tantra cycle of teaching, which flourished in Tibet, devotion is the vital practice for four kaya Guru Yoga. The four Kaya Guru Yoga was the uncommon among all practice.This pure vision of dharma cycle of “the profound Guru practice of vajra bliss” was transmitted to Omniscient Rigdzin Choedrak by Dharma lord Jigten Sumgon at Golden Temple which is not common in other tradition. It is the heart essence of all the practice of that includes, ripening practice of generation stage of unsurpassable vajra vehicle, liberation path of dissolution stage practice of profound Six Yogas of Naropa as well as true nature of mind practice of Mahamudra. The activity of the practice embodies every method of practice without exception. This is the Kagyupa “Combined Sadhana of the Three Roots”and it is also the extraordinary practice of three roots of Guru Yoga. It is an uncommon teaching cycle of Drikung Kagyu lineage, which is the quintessence of profound Kagyupa lineage. The practice lineage has not declined; the blessing of the practice is also immense. Practice lineage is effective. Please bear in mind of the practitioner that this Practice is applicable for anyone, by monastic or mundane people of all walks of life. Sarva Manghalam.
 
"甚深道上师修法"此法类,是密续之王.吉祥密集金刚第十七品等无上瑜伽部的意趣,龙树菩萨、帝洛巴、那若巴对此皆有撰写论著,在历史上,上师修法于西藏最初弘传在噶举派里,之后其他教派也发展出上师瑜伽、上师修法等法类。而至尊直贡巴吉天颂恭,遵循众生怙主帕摩竹巴无上金刚乘的教授,修持上师四身之后,配合圆满的缘起,发展出能够展现出密集金刚法类作用的法,称为"敬信命轮",成为西藏修持上师四身独一无二的教授。而此次的"甚深道上师修法・乐金刚法类",是第一世直贡琼赞法王仁增曲札,在金殿于净相中得到直贡巴吉天颂恭亲自传授、不同于其他的殊胜法要,在成熟道的灌顶中,完整具足无上金刚乘一切道;于解脱道的教授中,有属于无上金刚乘圆满次第的那若六法,以及本性大手印一切要诀的总集,一切成就事业甚深法门无所不包。这是一个噶举派三根本总修的大法,上师俱全三根本的希有殊胜修持大法,也是直贡噶举派不共的法类,总集噶举派一切甚深法的法类,其修传派的传规无败损,加持力大,修持亲切、不分僧俗皆可入门的法类。如是述说此法等等因缘,以令修持此甚深法类者知晓。